སྟག་རི་གཉན་གཟིགས།
༦༥༽ བཙན་པོས་རྒྱལ་བློན་ལྷན་ཚོགས་གནང་ནས་དྭགས་པོ་ཕྱིར་ལེན་པའི་གྲོས་མོལ་གནང་སྟེ། སུ་ཞིག་གིས་དྭགས་པོ་ཕྱིར་ལེན་རྒྱུ་དཔའ་ཁས་ལེན་བྱེད་ཐུབ་ན། བདག་གིས་ཁོང་དམག་སྤྱི་ཆེན་མོར་བསྐོ་བར་བྱའོ། །ཞེས་བཀའ་བསྒྲགས།
༦༦༽ ཟུ་ཙེས་ཡར་མར་གྱི་གདོང་ལ་ལྟ་བཞིན་ཡང་གོ་སྐབས་ཤིག་ལེན་དགོས་སྙམ་པའི་སྐབས། སེང་མགོ་མི་ཆེན་གྱིས་ཀྱང་ཟུ་ཙེའི་བསམ་དོན་ཤེས་ཏེ། ལམ་སང་ཡར་བཞེངས་ནས། བཙན་པོ་མཆོག བྱ་བ་འདི་བདག་གིས་སྒྲུབ་ཐུབ། ཅེས་ཁས་བླངས།
༦༧༽ ཟུ་ཙེས་མཐོང་ཆུང་གི་ཚུལ་གྱིས། མི་དཔའ་མཛངས་ལྡན་པ་ཞེས་པ་དེ། སྒྱེའུ་ནང་ལ་སྙུང་བུ་བཅུག་པ་བཞིན་རྩེ་མོ་ཕྱིར་ཐོན་པ་ཞིག་དགོས། ཁྱོད་ལྟ་བུས་དམག་དཔོན་འོང་ངམ། ཞེས་བཤད།
༦༨༽ སེང་མགོ་མི་ཆེན་གྱིས་སྤོབས་ཉམས་ཆེན་པོས། གལ་ཏེ་ང་རང་སྔོན་ཆད་སྒྱེའུ་ནང་ཞུགས་ཡོད་ན་རྩེ་མོ་མ་ཟད་ཡུ་བ་ཡང་ཕྱིར་ཐོན་ཡོད། ཁྱོད་ཀྱིས་ལྟད་མོ་བལྟ་ཆོག་གི་རེད། ཅེས་ལན་བཏབ།
༦༩༽ བཙན་པོ་ཐུགས་དགྱེས་ཤིང་དེ་བདེན་པར་དགོངས་ཏེ། འོ་ན། གོ་སྐབས་འདི་རང་ལ་སྤྲད་པ་ཡིན། མྱུར་དུ་གྲ་སྒྲིག་བྱོས། ངས་གཏམ་བཟང་ལ་སྒུག་ནས་བསྡད་ཡོད། ཅེས་བཀའ་གནང༌།